མདུན་ངོས། » Another Projects

Another Projects

ནང་དོན་གནད་བསྡུས།


ནང་དོན་གནད་བསྡུས། ཁོ་བའི་ཆེད་རྩོམ་གྱི་ནང་དོན་ནི། མིག་སྔར་བོད་ཁམས་ཕྱོགས་ནས་བདག་གིས་སྤྱི་ལོ་༢༠༠༧ལོར་རྙེད་པའི་ཡིག་རྙིང་དཔེ་དཀོན་<ཕ་མཚུན་སྒྲ་བླའི་གཡང་སྐྱོབས།>ཞེས་པ་གནའ་བོའི་དུར་མཆོད་དང་ཕྱྭ་གཡང་གི་ཆོ་ག་དཔེ་གཅིག་པོ་ལས་མེད་པ་འདི་ལ་ཉམས་ཞིབ་བྱས་པ་ཡིན།  འདིའི་བརྗོད་གཞི་ལ་རིགས་གཉིས་སུ་བསྡུས་ཡོད། གཅིག ལོ་རྒྱུས། གཉིས། ཆོས་ལུགས། ༡༽ ཡ་ཐོག་གི་གཏམ་རྒྱུད་དུ་གྲགས་པའི་ཡབ་བླ་བདལ་དྲུག་གི་རྒྱུད་པ་སྲིད་པའི་རྒྱལ་བུ་ཐིང་གེའི་ལོ་རྒྱུས་དང་། རྒྱ་བོད་ཧོར་སོག་གི་རྒྱུད་པའི་ལོ་རྒྱུས་དང་། བོད་ཀྱི་དུར་ས་ཉེས་པས་ཕ་མཚུན་སྒྲ་བླ་ཞེས་པའི་ལྷ་དེ་ཡལ་ནས་རྨངས་སུ་བབས་པ་བཅོས་ཀ་བྱས་པའི་ཐབས་ཤེས་གཏམ་རྒྱུད་ངོ་མཚར་བ་མང་དུ་འཁོད་པ་དེ་དག་ཆོ་ག་འདིའི་བརྗོད་བྱ་ཡིན་ལ། དེ་མཚུངས་ཡི་གེ་རྙིང་པ་དབུ་ནག་མིའུ་འདྲ་ཆགས་ཀྱི་གཏམ་རྒྱུད་དང་། བསང་ཁང་ཕུབ་པ་རད་ཎ་གཏེར། སོགས་གནའ་བོའི་ཡིག་རྙིང་ཁག་གཞན་ལའང་མཚུངས་སྡུར་དང་ར་སྤྲོད་བྱས་ཡོད། ལྷག་པར་བསང་ཁང་ཕུབ་པ་རད་ཎ་གཏེར། ཞེས་པའི་ཡིག་རྙིང་དེ་དང་འདི་གཉིས་བོད་ཀྱི་རྨང་བདུད་འགྲོལ་བའི་ཆེད་ཡིན་པ་དགོས་པ་གཅིག་མཚུངས་སུ་གསལ་བས་གལ་ཆེའི་གཤིབས་སྡུར་བྱུང་ཐུབ་ཡོད་པ་མ་ཟད། དེ་དག་ནི་ཆེས་བོད་ཀྱི་གནའ་བོའི་རང་བཞིན་དང་ལྡན་པའི་ཡིག་ཆ་ཞིག་ཡིན་པས་གནའ་སྲོལ་ཉམས་ཞིབ་ཕྱོགས་སུ་གལ་ཆེའི་ཕན་ནུས་ལྡན་ཡོད་པ་ཤོད་ཆོག །  …