མདུན་ངོས། » གསར་རྩོམ། » རང་རྩོམ་བོད་གཞས་ཁག། » ཨེ་མ་གངས་ཅན་སྤུན་ཟླ།

ཨེ་མ་གངས་ཅན་སྤུན་ཟླ།


ཨེ་མ་གངས་ཅན་སྤུན་ཟླ།

 

ཨེ་མ་གངས་ཅན་སྤུན་ཟླ། །
ཆོས་ལྡན་ཞིང་གི་མི་རིགས། །
མཐོ་སྒང་དག་པའི་ཞིང་ཁམས། །
འཚེ་མེད་ཞི་བའི་འཇིག་རྟེན། །

 

བྱམས་དང་སྙིང་རྗེའི་ཕ་ས། །
རིག་པའི་གནས་ཀྱི་འབྱུང་ཁུངས། །
གཞན་ལ་མེད་པའི་ལེགས་བྱང་། །
ཀུན་གྱིས་བསྟོད་པའི་ཡུལ་གྲུ། །

 

ཁྱད་པར་འཕགས་པའི་སྣོད་བཅུད། །
རང་ངོ་རང་གིས་ཤེས་ནས། །

ཕ་མ་རྒན་རབས་གུས་བཀུར། །
གཞོན་ལ་བྱམས་བརྩེ་གྱིས་དང་། །

 

ཤེས་བྱ་རིག་པར་དོ་སྣང་། །
བྱ་བའི་ལས་ལ་ཧུར་བརྩོན། །
འཛམ་གླིང་མི་རིགས་གྲལ་དུ། །
རྗེས་ལུས་མེད་པ་བྱེད་དགོས། །

 

ཕུ་ནུ་མཛའ་མཐུན་དམ་པོ། །
སྤུན་ཟླ་མཐུན་སྒྲིལ་ལེགས་ཤིང་། །
བྱམས་དང་བརྩེ་བའི་ཁོར་ཡུག །
གངས་ཅན་ལྗོངས་སུ་བསྐྲུན་དགོས། །