མདུན་ངོས། » བླ་མ་དགེ་བའི་བཤེས་གཉེན་རྣམས།

བླ་མ་དགེ་བའི་བཤེས་གཉེན་རྣམས།

རྟོགས་ལྡན་རིན་པོ་ཆེ་ཤེས་རབ་ཕུན་ཚོགས།

རྟོགས་ལྡན་རིན་པོ་ཆེ་ཤེས་རབ་ཕུན་ཚོགས།


ཧོར་གྱི་རྟོགས་ལྡན་རྣམ་གསུམ་གྱི་ཡ་གྱལ། རྟོགས་ལྡན་ཤེས་རབ་ཕུན་ཚོགས། རྣམ་ཐར་ཞིབ་པར་དགོད་རྒྱུ།
མཁན་པོ་ཉི་མ་བློ་གྲོས་རིན་པོ་ཆེ།

མཁན་པོ་ཉི་མ་བློ་གྲོས་རིན་པོ་ཆེ།


ལུང་དཀར་དགོན་རིན་ཆེན་གླིང་གི་མཁན་པོ་ཉི་མ་བློ་གྲོས་རིན་པོ་ཆེ་མཆོག མཛད་རྣམ་དགོད་རྒྱུ།
སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག

སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག


    ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་ནི། གངས་རིའི་རྭ་བས་བསྐོར་བའི་ལྗོངས་ཆེན་པོའི་བར་ཁམས་ཁུལ་ཆུ་བཞི་སྒང་དྲུག་གི་ནང་ཚན་རྔུལ་རྫ་ཟལ་མོ་སྒང་གི་ཁོངས་གཏོགས་རྡ་ཧེ་ཞེས་པའི་ས་ཡི་ཐིག་ལེར་བེ་ཅོན་གྱི་དཔོན་རྒྱུད་དུ་སྐུ་འཁྲུངས། སྐུ་མཆེད་བདུན་གྱི་ནང་ནས་དྲུག་རབ་བྱུང་ཡིན་ལ། དེ་དག་ཐམས་ཅད་མཁས་བཙུན་བཟང་གསུམ་མངའ་བ་ཤ་སྟག་ཡིན།     ཆུང་ངུ་ནས་བློ་རྩེ་རྣོ་ཞིང་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ། སྐུ་གཞོན་དུས་མཆོག་གི་རྟགས་མཚན་བཟང་པོ་ཤར་བས་ར་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོས་ཆོས་ལྡན་སྐུ་ཕྲེང་དང་པོའི་ཡང་སྲིད་དུ་ངོས་འཛིན་གནང༌། ཁོང་ཉིད་སྐུ་ན་ཆུང་ངུའི་དུས་ཚོགས་སུ་གནས་བརྟན་བཅུ་དྲུག་ཚར་གཅིག་གསུངས་པ་ཙམ་གྱིས་དབུ་ནས་མར་ངག་སྐྱོར་གནང་ཐུབ་པ་མ་ཟད། མཇུག་ནས་ཡར་ལའང་ཐུགས་ཐོག་གསལ་པོར་འཁྲུངས་པའི་ཚུལ་འདི་ལ་བརྟེན་ནས་གནས་བརྟན་བཅུ་དྲུག་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཟབ་མོ་མངའ་བ་དཔོགས་ནུས། ཁོང་གི་སྐུ་ཕྲེང་གོང་མ་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་འོས་གཞིར་ཕེབས་པ་དང༌༑ སྐྱེས་མཆོག་ཁྱད་འཕགས་ཏུ་མངའ་གསོལ་བྱུང་སྟེ་མཁས་དང་གྲུབ་པའི་མཛད་ཕྲིན་རྒྱས་པ་ཞིག་བྱུང་ཡོད།     ཁོང་དགུང་ལོ་བདུན་པར་༧སྐྱབས་རྗེ་ཕ་བོང་ཁ་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་༧སྐྱབས་རྗེ་རིན་པོ་ཆེས། ཁྱེད་ཀྱི་མཚན་ནི་ངས་དགའ་ལྡན་གསེར་གདུང་ཆེན་མོ་ནས་རྙེད་བྱུང༌། ཞེས་གསུངས་ཏེ་མཚན་ཡང་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་ཅེས་བསྩལ་གནང་མཛད་པ་ནས་བཟུང༌། བསླབ་ཁྲིམས་རྣམས་མིག་འབྲས་བཞིན་བསྲུང་བར་མཛད།     དགུང་ལོ་༡༦ཐོག་དབུས་སུ་ཕེབས་ཏེ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་བགྲང་བྱ་ཉི་ཤུ་ཙམ་གྱི་རིང་གཞུང་ཆེན་བཀའ་པོད་ལྔར་གུས་རྟག་སྦྱོར་བས་གསན་བསམ་མཐར་ཕྱིན་གནང་བ་མ་ཟད།…
སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག

སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག


  སེར་བྱེས་གཙང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་དཔལ་བཟང་པོ་མཆོག
ལུང་དཀར་རིན་ཆེན་གླིང་གི་སློབ་ཟུར་དགེ་སློང་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེ།

ལུང་དཀར་རིན་ཆེན་གླིང་གི་སློབ་ཟུར་དགེ་སློང་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེ།


  ལུང་དཀར་རིན་ཆེན་གླིང་གི་སློབ་ཟུར་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེ། མཛད་རྣམ་གཞི་ནས་དགོད་རྒྱུ།
དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ།

དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ།


  དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ། མཛད་རྣམ་གཞི་ནས་དགོད་རྒྱུ།
དཔལ་གཤེན་བསྟན་སྨན་རིའི་གླིང་གི་སློབ་ཟུར་བསྟན་འཛིན་རྣམ་དག་རིན་པོ་ཆེ།

དཔལ་གཤེན་བསྟན་སྨན་རིའི་གླིང་གི་སློབ་ཟུར་བསྟན་འཛིན་རྣམ་དག་རིན་པོ་ཆེ།


དཔལ་གཤེན་བསྟན་སྨན་རི་གླིང་གི་སློབ་ཟུར་བསྟན་འཛིན་རྣམ་དག་རིན་པོ་ཆེ། 
སེར་བྱེས་མཁན་ཟུར་བློ་བཟང་བདེ་ལེགས་རིན་པོ་ཆེ།

སེར་བྱེས་མཁན་ཟུར་བློ་བཟང་བདེ་ལེགས་རིན་པོ་ཆེ།


སེར་བྱེས་དང་རྒྱུད་སྨད་ཟུང་གི་མཁན་ཟུར་རྒན་བློ་བཟང་བདེ་ལེགས་མཆོག རྣམ་ཐར་རྗེས་ནད་དགོད་རྒྱུ།