མདུན་ངོས། » གསར་རྩོམ། » རྫོགས་ཆེན། » དོན་གྱི་མན་ངག་ཉི་ཤུ་རྩ་གཉིས་ཀྱི་སྡོམ།

དོན་གྱི་མན་ངག་ཉི་ཤུ་རྩ་གཉིས་ཀྱི་སྡོམ།

 

དོན་གྱི་མན་ངག་ཉི་ཤུ་རྩ་གཉིས་ཀྱི་སྡོམ།


དང་པོ་མཚན་བཏཌ་རང་རིག་མཉམ་ཉིད་ལ་ཟློ་བསྟན། །
གཉིས་པ་གནས་ལུགས་བསྒྲུབ་མེད་ཡེ་ནས་གྲུབ་པར་བསྟན། །
གསུམ་པ་ཤར་ལུགས་དགག་མེད་ཡེ་ཤེས་མཐོངས་གསལ་བསྟན། །
བཞི་པ་ཡིན་ལུགས་དམིགས་མེད་བོན་ཉིད་ཀློང་བརྡོལ་བསྟན། །
ལྔ་པ་གྲོལ་ལུགས་ཆད་མེད་མཉམ་ཉིད་ལ་ཟློ་བསྟན། །
དྲུག་པ་ལྟ་སྒོམ་སྤྱོད་འབྲས་ཤེས་བྱ་ཕྱོགས་མེད་བསྟན། །
བདུན་པ་མཐའ་བཞི་རྒྱ་བཀྲོལ་མཐར་འཛིན་རང་བསལ་བསྟན། །

བརྒྱད་པ་གསང་བ་ཀློང་བརྡོལ་སྐྱོན་ཡོན་གཉིས་མེད་བསྟན། །
དགུ་པ་ཤུགས་འབྱུང་སྤྱོད་པས་གནས་ལུགས་རང་གྲོལ་བསྟན། །
བཅུ་པ་དྲུག་གསུམ་བཅོ་བརྒྱད་སྐྱེ་ཤི་རྩད་གཅོད་བསྟན། །
བཅུ་གཅིག་མི་སྲིད་རྣམ་གསུམ་སྐྱེ་མེད་གནད་གཅོད་བསྟན། །
བཅུ་གཉིས་དུས་གསུམ་མཉམ་ཉིད་སྐུ་གསུམ་ངོ་སྤྲོད་བསྟན། །
བཅུ་གསུམ་སྐུ་གསུམ་དབྱེར་མེད་མཐའ་བཞིའི་ཞེན་དགྲོལ་བསྟན། །
བཅུ་བཞི་བྱ་མེད་བཅུ་གཉིས་བྱ་བྲལ་ལ་ཟློ་བསྟན། །
བཅོ་ལྔ་དུས་མཉམ་རྣམ་གསུམ་སྣང་བ་བོན་སྐུར་བསྟན། །
བཅུ་དྲུག་དབྱིངས་ཡོན་ཉེར་གཅིག་འགྲོ་གྲོལ་གཏན་དབབ་བསྟན། །
བཅུ་བདུན་རྒྱུ་མཚན་གོ་ལྡོག་འབྲས་བུ་རེ་དོགས་གཅོད། །
བཅོ་བརྒྱད་ཤེས་བྱ་བབས་ལྡོག་དབྱིངས་ཤར་དབྱིངས་གྲོལ་དབབ། །
བཅུ་དགུ་མི་མཉམ་རྣམ་གསུམ་མཉམ་ཉིད་བོགས་མེད་བསྟན། །
ཉི་ཤུ་ངེས་དང་ངེས་མེད་རྣམ་གསུམ་ཐེ་ཚོམ་བསལ། །
རྩ་གཅིག་ཀློང་སུམ་ཕྲུགས་ཀྱིས་སྐྱེ་ཤིའི་གལ་འགགས་བསྡམས། །
རྩ་གཉིས་གནས་སྐྱེལ་བོན་བདུན་འཕོ་མེད་རྒྱས་གདབ་བསྟན། །


སྤྱི་ལོ་༢༠༡༡ཟླ་༡ཚེས་༡༦ཉིན་ངག་འཛིན་གྱི་ཆེད་དུ་ནམ་མཁའ་འཕྲུལ་མཛོད་མཚམས་སྦྱོར་ས་གཅོད་ཀྱི་ལྡེ་མིག་ནས་དྲང་སྲོང་རྣམ་རྒྱལ་གྱིས་བཏུས་སོ།།