མདུན་ངོས། » དགོན་གནས། » ལུང་དཀར་རིན་ཆེན་གླིང་།

ལུང་དཀར་རིན་ཆེན་གླིང་།

གནས་ས། : Monastery
ལུང་དཀར་རིན་ཆེན་གླིང་།

 

དཔལ་གཤེན་བསྟན་ལུང་དཀར་དགོན་གཤེན་བསྟན་རིན་ཆེན་གླིང་ནི་བོད་མདོ་སྟོད་ཧོར་སྦྲ་ཆེན་པྱོགས་སུ་ཡོད། གནའ་སྔ་མོར་དགོན་པ་ཇི་ལྟར་བྱུང་ཚུལ་གཞན་ན་གསལ། ཕྱི་ལོ་༡༩༨༠ལོར་མཁན་རིན་པོ་ཆེ་ཉི་མ་བློ་གྲོས་གཙོས་ཡུལ་གྱི་འགོ་དམངས་ཡོངས་ཀྱིས་བསྐྱར་གསོ་གནང་སྟེ་སློབ་དཔོན་ཚུལ་ཁྲིམས་རྣམ་དག་དང་མཁན་སློབ་ཟུང་གིས་བཤད་སྒྲུབ་སླར་གསོ་གནང་། ད་ལྟའི་ཆར་མུ་མཐུད་བཤད་སྒྲུབ་ཉམས་ལེན་སོགས་ཆོས་ཕྱོགས་ཀྱི་མཛད་ཕྲིན་རྒྱས་བཞིན་བཞུགས། །