མདུན་ངོས། » གསར་རྩོམ། » གསར་རྩོམ། » ཆོས་ལུགས་དགོས་སམ་ཕྲག་དོག་དགོས།

ཆོས་ལུགས་དགོས་སམ་ཕྲག་དོག་དགོས།


ཆོས་ལུགས་དགོས་སམ་ཕྲག་དོག་དགོས།
 

འབྲོག་སྐར་གྱིས་བྲིས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནས་བདམས། 

བོད་གཞི་བྱེས་གཉིས་ཀྱི་དྲྭ་གྲོགས་ཚོར་བསམ་ཚུལ་ཞིག་བྲིས་ན།  ཉེ་བའི་ལོ་མང་བོ་ཞིག་གི་སྔོན་ནས་འུ་ཚང་གི་བོད་པ་ཚོ་ཡར་རྒྱ་གར་དང་བལ་ཡུལ་སོགས་སུ་གཞིས་ཆགས་སུ་བསྡད་དེ་ནང་ཆོས་དང་རིག་གནས་གང་མང་ཞིག་སློབ་པའི་གོ་སྐབས་འཛིན་པར་སྐྱེས་འོང་། ཡིན་ཡང་དོན་དག་གཞན་ཞིག་ཏུ་འགྱུར་བཞིན་ཡོད་པ་དུས་ཀྱི་མཁོ་སྤྲོད་དང་ཆ་འཕྲིན་བརྡ་འཕྲིན་སོགས་དངོས་ཐོག་གི་ཕན་ཚུན་བསམ་བློ་རྗེས་རེས་བྱེད་པའི་བར་མཚམས་ནས་ཤུགས་ཀྱི་རྟོགས་འོང་བའི་གནད་དོན་ཞིག་གི་སྐོར་གླེང་ན།  བོད་པ་མི་རིགས་རྒྱ་ཆའི་དགུ་བཅུ་ཡས་མས་ཆོས་ལ་དད་པ་བྱེད་མི་རེད།  ཆོས་ལུགས་སྒེར་ངོའི་ནས་བོད་མི་རིགས་ལ་དམ་ཟབ་ཏུ་གནས་ཡོད་པའི་རིག་གནས་རིན་ཐང་ཅན་དུ་ཆགས་ཡོད།  བོད་ནང་ཁུལ་གྱི་དད་པའི་གོ་དོན་དང་གྲུབ་མཐའི་འཐེན་ཁྱེར་གྱི་ནད་གཞི་འདི་ངས་གོ་ཐོས་ཡིན་ན་རྒྱ་གར་དུ་ཡོད་པའི་བོད་པ་ཚོ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྣང་བ་སྦྱིན་སོང་།   འདི་ལ་མཚོན་ན་གཏན་ནས་དགའ་རྒྱུ་མེད་པའི་ནང་འགལ་ཞིག་རེད། ཆོས་ལུགས་རིག་གནས་ཀྱི་ཁ་དོག་གི་གོ་རིམ་འདི་རྩོད་དགོས་དོན་མེད་གི་བསམ།  ཆོས་ལུགས་རིག་གནས་ཀྱི་ཁ་དོག་ཅེས་སྐད་ཆ་གསར་བ་འདི་གོ་བ་ཅི་ལྟར་ལེན་དགོས་ཞེས་ན།  ཞྭ་དཀར་དམར་སེར་གསུམ་གྱི་མདོག་ལ་ལྟོས་ནས་བཤད་ཀྱིན་ཡོད།  ཆོས་པ་ཆོས་པའི་བར་གྱི་སྡང་སྐད་རེ་བཤད་ནས་ཉི་མ་རླགས་ན་བོད་ཀྱི་ཐུན་མིན་རིག་གཞུང་ཞིག་གི་དངོས་ཐད་ནས་ཐོན་པའི་ནག་ཅན་སྣ་འདྲེན་གྱི་མི་སྣ་སྐོར་ཞིག་ལ་གོ་དགོས།  ནུབ་ཕྱོགས་པའི་འཚོ་སློབ་བྱེད་སྟངས་སྐོར་ནས་ཅུང་བཤད་ན། བསམ་པའི་སློབ་གསོ་ནས་མི་ཆོས་ཀྱི་སློབ་གསོ་སོགས་གོ་རིམ་ངེས་ཅན་ཞིག་གི་ལམ་འཚོལ་ཏེ་རང་ཉིད་ནས་འགོ་རྩམ་པའི་སྙིང་སྟོབས་སྐྱེད་ན་མི་རིགས་ནང་འགལ་གྱི་བསམ་བློ་ཅི་ཡང་མེད་པར་འདྲ་མཉམ་དུ་ཆགས་ཡོང་། འུ་ཚོའི་ཆོས་ལུགས་ཀྱི་དངོས་དོན་དང་ལག་ལེན་བར་ཏུ་འགལ་བ་ཤིན་ཏུ་མང་གི་ཆོས་པ་འགའ་ཞིག་གིས་ཁ་བརྡ་ཙམ་གྱི་འཛམ་གླིང་ཞི་བདེ་སེམས་ཅན་འདྲ་མཉམ་བདེ་སྡུག་རོ་སྙོམས་སོགས་བཤད་ཀྱིན་ཡོད།   འོན་ཏེ་ལག་ལེན་ཁོ་ནའི་ཐོག་ཏུ་བབ་ཚེ། གྲུབ་མཐའི་མངའ་ཐང་། བླ་མའི་མཚན་སྙན། སྤྲུལ་སྐུའི་ཐོབ་ཐང་། སོགས་བཤད་ཀྱིན་ཡོད་གི འདིས་ཕྱོགས་ནས་དུས་རྒྱུན་ཏུ་བོད་རིགས་བྱིངས་ཀྱི་ངོ་ནས་རླབས་ཆེན་དུ་གཙོ་བའི་མི་སྣ་རེ་ཟུང་གིས་དུས་རྒྱུན་སློབ་གསོ་གཏོང་བཞིན་ཡོད་མོད། ནུས་པ་དེ་ཙམ་ཡིན་པ་སྤྱི་ཚོགས་གིས་ངོ་སྤྲོད་བྱེད་པ་འདི་བཞིན་རེད། བསམ་ཚུལ་འདི་ངའི་བྱེ་བྲག་གི་སྐད་ཆ་ཡིན།  ཆོས་ལུགས་ནི་མི་རིགས་སམ་འགྲོ་བ་ཡོངས་ལ་ཕན་ནུས་ཐོན་པའི་ནང་སེམས་ཀྱི་ཆགས་སྡང་སྤང་བྱེད་ཀྱི་གཉེན་པོ་གཅིག་པུ་ཡིན་ཞེས་སུ་ཡིན་ཡང་འབྲི་བ་དང་བཤད་པ་རེད།  དེས་ན་བོད་ཀྱི་གྲུབ་མཐའ་ཕྱོགས་རིས་སུ་གཅོད་པའི་ནང་འགལ་འདི་ཐོག་མར་ཆོས་ལུགས་ཀྱི་མཁས་མིང་འཛིན་པ་སྐོར་ཅིག་གིས་ཐོན་པ་རེད།  དེ་ནས་རིམ་བཞིན་མི་དམངས་ཀྱི་སེམས་ནང་དུ་རིས་སུ་གཅོད་པའི་ཆགས་སྡང་ཞིག་དུ་ཆགས་སོང་། འདིར་རིས་གཅོད་དང་།  ཕྱོགས་སློངས།  དགག་སྒྲུབ་དང་།  འཐེན་ཁྱེར། སོགས་བོད་ཕྱི་ནང་གཉིས་སུ་ཡོད་དང་ཡོད་བཞིན་པ་རེད།  འདི་ནི་ཆོས་པའི་འགན་འཛིན་པའམ་མཁས་རྒན་སྐོར་ཞིག་གིས་བོད་ནང་ལ་ཕུལ་བའི་མཐུན་སྒྲིལ་གྱི་རྨངས་རྩ་གཅོད་བྱེད་ཀྱི་མཚོན་ཆ་རེད།  བོད་མི་དམངས་མང་ཚོགས་ཀྱིས་རེ་བའི་ས་བོན་སྙེགས་ས།  འདི་ཕྱིའི་ལམ་སྟོན་བརྟེན་ས།  སྐྱིད་སྡུག་གི་ལས་དབང་བཅོལ་ས།  ཚེ་འདི་མ་གཏོགས་ཚེ་ཕྱི་མ་ཕྱི་མ་སྐྱེ་བ་ནས་སྐྱེ་བའི་བར་ཏུ་གསོལ་བ་འདེབས་ས་སྨོན་ལམ་ཞུ་ས་སོགས།  ཁྱེད་དགེ་བའི་བཤེས་དང་།  སྤྲུལ་བའི་སྐུ།  བསླབ་པ་སྟོན་པའི་མཁན་པོ།  བསླབ་བྱ་གནང་བའི་སྐྱོར་དཔོན་སོགས། ཁྱེད་རྣམས་པའི་བོད་རང་གི་མི་རིགས་ཀྱི་ནང་དུ་འགལ་བའི་ཕུང་བོ་ཞིག་བཟོས་ནས་ཅི་བསམ་པ་ཡིན།  ཆོས་རྒྱུད་ཆུ་བོ་གཅིག་རྒྱུད་དུ་བཤད་པའི་ཁ་ཁོག་མི་འགལ་བ་དང་།  བོད་མི་རེ་རེའི་ནང་སེམས་ཀྱི་དད་འདུན་ལ་རིས་མེད་ཀྱི་དམ་ཚིགས་འཇོག་གྱི་དང་ཞྭ་དཀར་དམར་སོགས་གྲུབ་མཐའི་རྩོད་གཞི་མི་གླེང་རྒྱུ་ཁྱེད་ཚོའི་མང་ཚོགས་ལ་སློབ་གསོ་མ་བྱས་པ་དང་སྔོན་ནས་ད་བར་དུ་གནས་པའི་ཕྱོགས་རིས་ཀྱི་ནད་ཡམ་མ་སེལ་བའི་སྐྱོན་ཁྱེད་ཚོའི་མ་བསམ་དེང་ལེན་དགོས་སོ་ཅེས་་་་་འབྲོག་སྐར་ནས །