མདུན་ངོས། » གསར་རྩོམ། » སྤྱིར་བཏང་། » བློ་སྦྱོང་ཚིགས་བརྒྱད་མ་བཞུགས་སོ། །

བློ་སྦྱོང་ཚིགས་བརྒྱད་མ་བཞུགས་སོ། །

བློ་སྦྱོང་ཚིགས་བརྒྱད་མ་བཞུགས་སོ། །

 

 

བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད།

བདག་ནི་སེམས་ཅན་ཐམས་ཅད་ལ། ཡིད་བཞིན་ནོར་བུ་ལས་ལྷག་པའི། དོན་མཆོག་སྒྲུབ་པའི་བསམ་པ་ཡིས། རྟག་ཏུ་གཅེས་པར་འཛིན་པར་ཤོག །

 

གང་དུ་སུ་དང་འགྲོགས་པའི་ཚེ། བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། གཞན་ལ་བསམ་པ་ཐག་པ་ཡིས། མཆོག་ཏུ་གཅེས་པར་འཛིན་པར་ཤོག །

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །
བདག་གཞན་མ་རུངས་བྱེད་པས་ན། བཙན་ཐབས་གདོང་ནས་བཟློག་པར་ཤོག །

 

རང་བཞིན་ངན་པའི་སེམས་ཅན་ནི། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། རིན་ཆེན་གཏེར་དང་འཕྲད་པ་བཞིན། རྙེད་པར་དཀའ་བས་གཅེས་འཛིན་ཤོག །

བདག་ལ་གཞན་གྱིས་ཕྲག་དོག་གིས། གཤེ་སྐུར་ལ་སོགས་མི་རིགས་པའི། །
གྱོང་ཁ་རང་གིས་ལེན་པ་དང༌། རྒྱལ་ཁ་གཞན་ལ་འབུལ་བར་ཤོག །

 

གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །
ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། བཤེས་གཉེན་དམ་པར་བལྟ་བར་ཤོག །

མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །
མ་ཡི་གནོད་དང་སྡུག་བསྔལ་ཀུན། གསང་བས་བདག་ལ་ལེན་པར་ཤོག །

 

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་པར། །
ཆོས་རྣམས་སྒྱུ་མར་ཤེས་པ་ཡིས། །ཞེན་པའི་འཆིང་བ་ལས་གྲོལ་ཤོག །།།