མདུན་ངོས། » གསར་རྩོམ། » རང་རྩོམ་བོད་གཞས་ཁག། » ཕུན་ཚོགས་ཤེས་རིག་སྣ་བརྒྱའི་སྐྱེད་ཚལ་དུ། །

ཕུན་ཚོགས་ཤེས་རིག་སྣ་བརྒྱའི་སྐྱེད་ཚལ་དུ། །

 

ཕུན་ཚོགས་ཤེས་རིག་སྣ་བརྒྱའི་སྐྱེད་ཚལ་དུ། །
 

ཕུན་ཚོགས་ཤེས་རིག་སྣ་བརྒྱའི་སྐྱེད་ཚལ་དུ། །
གསར་བཞད་གངས་ཕྲུག་བུང་བ་གཞོན་ནུའི་ཚོགས། །
རིག་གནས་རྩི་བཅུད་མངར་མོར་མ་རོལ་ན། །
ར་ཡིག་གཉིས་པའི་ལུས་ཟུང་ཇི་ལྟར་འཚོ། །

 

 

ཨ་མྱེས་དབུ་ནག་མི་བུ་རིགས་དྲུག་ནས། །
ད་ལྟའི་བར་གྱི་ལེགས་ཚོགས་ནོར་བུའི་གཏེར། །
ཤེས་རིག་རྒྱ་མཚོའི་ཀློང་ནས་བྱུང་བས་ན། །
འདི་ནི་སྐོམ་གདུང་སེལ་བའི་བདུད་རྩི་ཉིད། །

 

ཟླུམ་གཟུགས་གོ་ལའི་ཤར་ནུབ་ཞིང་བཟང་དུ། །
སྟོབས་ལྡན་རྒྱལ་ཁབ་སྟོན་གྱི་ལོ་ལེགས་གང་། །
ཤེས་རིག་དཔྱིད་ཀྱི་སོ་ནམ་བསྟེན་པའི་དྲིན། །
མིག་དང་རྣ་བའི་བདུད་རྩིར་ཅི་དགར་རོལ། །

 

 

འགྲོ་བའི་བདེ་རྩ་གནའ་བོའི་རིག་པའི་གཞུང་། །
དེང་རབས་ཚན་རྩལ་དངོས་ཡོད་རིག་པའི་ལམ། །
གཞོན་ནུའི་རྣམ་དཔྱོད་ཡངས་པོར་བསྐྱོད་ལ་རན། །
དུས་རབས་འདི་ལ་རྗེས་ལུས་མེད་པར་མཛོད། །